This song was composed by a minister of King Srong-brtsan-sgam-po སྲོང་བཙན་སྒམ་པ (c.609-649) in about 641, and sung to the king's Chinese bride-to-be, Princess Wenchang of the Tang court. The song is a eulogy to King Srong-brtsan-sgam-po and his Tibetan kingdom.

ཨེ་མ་ངོ་མཚར་ཆེ།

ལྷ་གཅིག་ཀོང་ཇོ་ཁྱོད།

བདག་གི་ཚིག་ལ་གསོན།

བཀྲ་ཤིས་ཉམས་སུ་དགའ༎

བོད་ཀྱི་རྒྱལ་ཁམས་ན།

རིན་ཆེན་ལྔ་ལས་གྲུབ།

རྒྱལ་པོའི་ཕོ་བྲང་ན།

མི་རྗེ་ལྷ་ཡིས་མཛད༎

སྲོང་བཙན་སྒམ་པོ་དེ།

རིགས་གཟུགས་དཔལ་གྱིས་བརྗིད།

མཐོང་ན་སེམས་ཡིད་འཕྲོག

ཐུགས་རྗེ་ཆེན་པོ་ལགས༎

རྒྱལ་སྲིད་ཆོས་བཞིན་བཟང༌།

འབངས་རྣམས་བཀའ་ལས་ཉན།

རྒྱལ་བློན་འཁོར་འབངས་རྣམས།

དགའ་སྐྱིད་གླུ་རུ་ལེན༎

ཆོས་ཀྱི་ཉི་མ་ཤར།

དཔལ་གྱི་སྒྲོན་མེ་བཏེག

རི་ལ་ཤིང་ནགས་ཚང༌།

ས་གཞི་ཡངས་པ་ལགས༎

འབྲུ་སྣ་ལྔ་ཡི་ཚོགས།

གོ་མཚམས་མེད་པར་སྐྱེས།

གསེར་དངུལ་ཟངས་ལྕགས་སོགས།

རིན་ཆེན་དུ་མ་ཡོད༎

གནག་རྟ་ལུག་གསུམ་རྒྱད།

དགའ་སྐྱིད་དེ་ལྟར་ཡོད།

ཨེ་མ་ངོ་མཚར་ཆེ།

ལྷ་གཅིག་ཀོང་ཇོ་གསོན༎

Poem by Mi-la Ras-pa

This is fragment of a poem describing a snowstorm by the famous Tibetan poet, Mi-la Ras-pa མི་ལ་རས་པ (1040-1123).

ཁ་བ་ཉིན་དགུ་མཚན་དགུ་བབས༎

ཆ་ལ་ཉིན་མཚན་བཅོ་བརྒྱད་བབས༎

འབབ་ཆེ་སྟེ་ཆེ་བ་བལ་འདབ་ཙམ༎

འདབ་ཆགས་བྱ་ལྟར་ལྡིང་ཞིང་བབས༎

ཆུང་སྟེ་ཆུང་བ་འཕང་ལོ་ཙམ༎

བུང་བ་ལྟ་བུར་འཁོར་ཞིང་བབས༎

ཡང་ཆུང་སྲན་མ་ཡུངས་འབྲུ་ཙམ༎

ཁུ་འཕང་བཞིན་དུ་འདྲིལ་ཞིང་བབས༎

ལར་ཁ་བ་ཆེ་ཆུང་ཚད་ལས་འདས༎

མཐོ་གངས་དཀར་གྱི་རྩི་མོ་དགུང་ལ་རེག༎

དམའ་རྩི་ཤིང་ནགས་ཚལ་བསྙལ་ཞིང་མནན༎

Poem by the Fifth Dalai Lama

This poem was written by the fifth Dalai Lama Ngag-dbang Blo-bzang rGya-mtsho ངག་དབང་བློ་བཟང་རྒྱ་མཚོ (1617-1682).

དྲི་མ་དང་བྲལ་རབ་ཏུ་དཀར༎

འདོད་པའི་གདུང་བ་འཕྲོག་པར་བྱེད༎

མཛེས་པའི་ཆ་ཤས་མ་ལུས་གང༌༎

ཟུར་མིག་བསིལ་ཟེར་སྤྲོས་པ་ཡིས༎

སྙིང་གི་ཀུན་ད་ཅི་ཡང་འཛུམ༎

ཁ་ཡི་དྲི་ཞིམ་ཟླ་ཤལ་གྱིས༎

རབ་དགའ་མཆུ་སྒྲོས་བརླན་པར་གྱུར༎

ལང་ཚོ་རྒྱས་པའི་འདོད་པའི་ཉམས༎

རི་དྭགས་མཚན་མ་རྣམ་པར་ངོན༎

ཡིད་འོང་མ་འདི་ལྷའི་བུ་མོ༎

The Heart Sutra

This is the Tibetan translation of the Heart Sutra (Mahāprajñapāramitā Hṛdaya Sūtra) made by Vimalamitra and Rin-chen sde རིན་ཆེན་སྡེ.

Although it contains a few characters used for Sanskrit transliteration, such as the a-chung vowel lengthener and the anusvara, there are no complex Sanskrit stacks.

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌།
བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་དུ་བཞུགས་ཏེ།
དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༎

ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང༌།
ཕུང་པོ་ལྔ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ༎

དེ་ནས་སངས་རྒྱས་ཀྱི་མཐུས།
ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ༎

རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་ཅི་ལྟར་བསླབ་པར་བྱ།
དེ་སྐད་ཅེས་སྨྲས་པ་དང༌།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ༎

ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ།
ཕུང་པོ་ལྔ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་ཛེ་སུ་བལྟའོ༎

གཟུགས་སྟོང་པར།
སྟོང་པ་ཉིད་ཀྱང་གཟུགས་སོ།
གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།
སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།
དེ་བཞིན་དུ་ཚོར་བ་དང༌།
འདུ་ཤེས་དང༌།
འདུ་བྱེད་དང༌།
རྣམ་པར་ཤེས་པ་རྣམས་སྟོང་པའོ༎

ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ།
མཚན་མ་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་དང་བྲལ་པ་མེད་པ།
བྲི་བ་མེད་པ། གང་བ་མེད་པའོ༎

ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད།
ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད།
མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད།
སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ༎
མིག་གི་ཁམས་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ༎

དེ་བཞིན་དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌།
ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ༎
ཤཱ་རིའི་བུ་དེ་ལྟར་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའ་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ།
སེམས་ལ་སྒྲིབ་པ་མེད་ཅིང༌།
ཕྱིན་ཅི་ལོག་པ་ཤིན་ཏུ་འདས་ནས།
མྱ་ངན་ལས་འདས་ཆེན་པོའི་མཐར་ཕྱིན་ནོ༎

དུས་གསུམ་དུ་རྣམ་པར་བཞགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ༎

དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས།
རིག་པ་ཆེན་པོའི་སྔགས།
བླ་ན་མེད་པའི་སྔགས།
མི་མཉམ་པ་དང་མཉམ་པའི་སྔགས།
སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས།
མི་བརྫུན་པས་ན་བདེན་པར་ཤེས་པར་བྱེ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ།
ཏ་དཡ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ།
བོ་དྷི་སྭཱ་ཧཱ།
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ༎

དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཤེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ༎

རིགས་ཀྱི་བུ་དེ་དེ་བཞིན་ནོ༎

རིགས་ཀྱི་བུ་དེ་དེ་བཞིན་དེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ།
དེ་བཞིན་གཤེགས་པ་རྣམས་ཀྱང་ཛེས་སུ་ཡི་རང་ངོ༌༎

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་དང༌།
ཐམས་ཅད་དང་ལྡན་པའི་འཁོར་དེ་དང༌།
ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌།
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་དེ།
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༎

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ༎

A Wind Horse Prayer Flag

This is an example of a Wind Horse prayer flag. These are very common, and can be recognised by presence of a Wind Horse (རླུང་རྟ) in the centre, and the names or pictures of the four guardian animals (tiger, lion, garuda and dragon) at the four corners. This example additionally has the names of the twelve animals of the zodiac running down the left side.

For further examples of Tibetan woodblock prints visit my MateriaBodica site, or take a look at Nik Douglas's excellent Tibetan Tantric Charms & Amulets (New York, 1978).

As is typical with such prayer flags, the text comprises various mantras and invocations with complex Sanskrit stacks and unusual characters, in this example including two shorthand abbreviations (bskungs-yig) on the last line. See my Shorthand Abbreviations page for further examples of Tibetan shorthand abbreviations.

Image of the Prayer Flag

Dimensions : 18.6 x 15.3 cm.

Provenance : Lhasa, 1986.

Unicode Transcription of the Text

༄།ཏདྱཐཱ།ཨོཾགཏེགཏེཔཱརགཏེཔཱརསཾགཏེབོདྷིསྭཱཧཱ།

ཨོཾམུནིམུནིམཧཱམུནིཡེསྭཱཧཱ།ཨོཾཨཱམིདྷེཝཱཧྲཱི།ཨོཾམཎིཔདྨེཧཱུཾ།ཨོཾཨཱཿཧཱུཾ་

བཛྲགུརུཔདྨསིདྡྷིཧཱུཾ།ཨོཾཨཱམརཱཎིཛྲིཝནཏིཡེསྭཱཧཱ།ཨོཾཝགིཤཱརིམུཾ།ཨོཾ་

མཎིཔདྨེཧཱུཾ།ཨོཾབཛྲཔཱནིཧཱུཾ།ཨོཾཏཱརེཏུཏྟཱརེཏུརེསྭཱཧཱ།ཨོཾབྷྲཱུཾ་

སྭཱཧཱ།ཨོཾཨཱམྲིཏཱཨཱཡུརྡདེསྭཱཧཱ།ཨོཾམརིཙྱེམཾསྭཱཧཱ།

ཨོཾབཛྲསཏྭཧཱུཾ།ཨོཾབཛྲསཏྭསམཡ།མ་

ནུཔཱལཡ།བཛྲསཏྭཏཱེནོཔཏིཥྛ།དྲིཌྷོམེབྷཝ།

སུཏོཥྱོམེབྷཝ།སུཔོཥྱོམེཝ།ཨནུརཀྟོམེབྷཝ།སརྦསིདྡྷིམྨེཔྲཡཙྪ།

སརྦཀརྨསུཙམེཙིཏྟཾ།ཤྲིཡཾ།ཀུརུཧཱུཾ།ཧཧཧཧཧོ།བྷགཝཱནསརྦཏཐཱ

གཏབཛྲམཱམེམུཉྩ།བཛྲིབྷཝ།མཧཱསམཡསཏྭཨཱཿཧཱུཾ།ཨོཾབཛྲསཏྭཧཱུཾ

གངས་ཅན་མགོ་ན་པོ་སྐུཚེ་སྟག་བརྟན་ཤོག་ཀིི་སཽ་ལྷ་རྒྱ་ལོ།

At the four corners are the names of the four guardian animals :

སྟག (tiger)

སེང་ (lion)

ཁྱུང༌། (garuda)

འབྲུག (dragon)

Running down the left side are the names of the twelve animals of the zodiac :

བྱི་བ (mouse)

གླང་ (ox)

སྟག (tiger)

ཡོས (rabbit)

འབྲུག (dragon)

སྦྲུལ (snake)

རྟ (horse)

ལུག (sheep)

སྤྲེལ (monkey)

བྱ (bird)

ཁྱི (dog)

ཕག (pig)